PictureImage Courtesy-Google
་ལ་ཏ་ཝ་ནང་ཀ། ་རང་ཆང་པ་ཅ་ཀ། 
་དང་ཟིག་ནི་ཨོ་དོ།། ་མོམ་ཀམ་ནི་ཟ་ལེ།།
   ཅ་ཀ་འེག་ཁཱན་ཁ་རང་།།ང་པ་ཤུག་ཏ་མ་ལ།། 
   ཇ་ཤོ་ཚ་ནི་ཇམ་ཁེ།། ་ཏཱན་བུ་ཡོ་ཁ་རང་།།
་ཀ་མང་ཕ་ཇ་ཤོ།་ལེ་ཆང་པ་ཨ་ནི།། 
ག་པ་ཚ་ལེ་ལམ་ནེ།། ནཱན་ཏེན་ཚ་ནི་ཇམ་ཤོ།
   པ་ལང་ནང་ཀ་ཨ་ར།། ་ལེ་མ་ཁེ་ལ་དབའི། 
                      བང་ཅུང་ནང་ཀ་ཁ་རང་།། ་ལ་ཅུར་པ་ལ་ན།
མ་ཁུ་ནང་ཀ་ཏེང་མ།། ད་ཀེ་ལྷག་པ་མ་ཟའི།།

མ་གླིང་ནང་ཀ་ལྟོ་ལི།། ་གེ་ལྷག་པ་མཱན་ཅ།།
                      ཞག་པ་དོག་པེ་མར་དུ།།་ཡི་ཙང་ཀེན་ཨ་ནི།།
                      འ་ར་འུ་རུ་མ་ཨའི།། བ་ཕེ་སོ་ལོ་བོག་པི།།
་ག་ཆོ་ཁཱན་ང་མོམ།།ང་པ་ཨ་ནི་ཟ་ཁེ།། 

་ལ་ནོང་པུ་མ་ལ།། ་ཀ་སི་ཀི་མ་ཨའི།།
                      ཧ་ལེ་ནཱན་ག་ཤ་རང་།། ་ལའོ་འེག་པེ་ཁེ་དུ།། 

                      ཧང་རང་དོ་ཕེ་མང་ཕ།།་ཤིང་ཇེ་ཝ་ཤོ་དུ།།


 
དགོད་བྲོ་དྲུག་པ།
ཨ་རྟག་ཕྱདཔ་ད་ ཟླཝ་འདི་གི་བརྒྱུད་འཕྲིན་རྩིས་ཐོ་ ཧ་ལས་སི་སི་སྦེ་ཡར་འཛེགསཔ་མཐོང་ཞིནམ་ལས་ ཨ་པ་ཚ་གྱང་ལང་སྟེ་ ཁོ་རའི་བུ་དང་ཨམ་སྲུ་འབོ་ཞིནམ་ལས་ གནད་དོན་འདི་གི་སྐོར་ལས་འདྲི་བ་བཀོད་ནུག
ཨ་པ།- ག་འདེ་འབད་སྨོ? ཁས་ལེན་མ་ཚུགས་པའི་བརྒྱུད་འཕྲིན་གྱི་རྩིས་ཐོ་ ད་       རེས་མཐོང་མས་བ་ཡ། ངནི་ད་རེས་ཚུན་ ང་རའི་ཡིག་ཚང་ནང་གི་         བརྒྱུད་འཕྲིན་རྐྱངམ་གཅིག་མ་གཏོགས་ ནཱ་གི་བརྒྱུད་འཕྲིན་ལུ་ལགཔ་མ་       རྐྱབ་སྟེ།
བུ།-   ཨ་པ་་་ ང་བཅས་ཀྱི་སློབ་གྲྭ་ནང་ སློབ་ཕྲུག་ཚུ་གི་དོན་ལུ་ རིན་སྤྲོད་མ་       དགོ་པའི་བརྒྱུད་འཕྲིན་དག་པ་ཅིག་ཡོད། ད་ལྟོ་ཚུན་ དེ་ཚུ་རང་ལག་         ལེན་འཐབ་སྡོད་ཅི།
ཨམ་སྲུ།- ཁྱེད་ཕ་སྤད་གཉིས་ ག་ཅི་གི་བརྒྱུད་འཕྲིན་གྱི་ལཱ་རང་འཐོནམ་ཨིན་ན་       མ་ཤེས། ང་བཅསའི་ཁྱིམ་ མ་པ་ལས་རང་ཁང་གླ་ཆེ་བས་མནོ་ རེ་ཅིག་       སྐབས་ཁག་ཆེཝ་རེ་འཐོན་ཚེ་ འགྲོ་སོང་འཇམ་ནི་དོན་ལུ་  ང་རང་ལཱ་       འབད་ས་གི་ཚོང་སྡེའི་བརྒྱུད་འཕྲིན་འདི་རང་ལག་ལེན་འཐབ་ཅི།
ཁོང་བཟའ་ཚང་ཚུ་མིག་ཏོ་ཐད་པར་བཀལ་ཏེ་བློ་རྐྱབ་པའི་ཤུལ་ ཐང་ཆད་དེ་དབུགས་འགམ་སྡོདཔ་ད་ ཁོང་རའི་གཡོག་ལཱ་འབད་མི་ ཁང་ཉེརཔ་རྡོ་རྗེ་དགའ་འཛུམ་དང་བཅསཔ་ སྒོ་ཁར་ལས་ལྟ་སྡོད་སར་མཐོང་ནུག ཁོ་ལུ་འདྲི་བ་བཀོད་ནི་འབདཝ་ཅི-
རྡོ་རྗེ།- སྟེ་་་? ཁྱེད་ཚུ་ག་ར་ རང་སོའི་ལཱ་ས་གི་བརྒྱུད་འཕྲིན་ལག་ལེན་འཐབ་       དོ་ལོ་མེན་ན? ང་ཡང་ང་རའི་ལཱ་སར་གི་བརྒྱུད་འཕྲིན་རྐྱངམ་གཅིག་         ལག་ལེན་འཐབ་ཅིས་ཏེ།  འཛོལ་བ་ཅིག་མིན་འདུག་མེན་ན? :P :P :P
 
 དགོད་བྲོ་ལྔ་པ།
སྨྱོ་རྫས་ལུ་ལང་ཤོར་ཐལ་མི་ན་ཆུང་བུཚ་གཉིས་ སྨྱོ་རྫས་ཟ་སྤྱོད་འཕྲོ་མཐུད་ཀྱི་འཐུས་མ་ལང་པར་ ཐབས་ཤེས་བསྒྲིག་ནི་དོན་ལུ་ ཁ་བསླབ་སླབ་མས། བུཚ་གཅིག་གིས་སླབ་མི་ནང་ མི་གང་རུང་རང་གི་གདོང་ཁར་ཕྱདཔ་ཅིན་ ཕྲངམ་ཕྲང་ས་ཁོང་རའི་གསང་གཏམ་ཆ་མཉམ་ རང་གིས་ཤེས་ཟེར་སླབ་པ་ཅིན་ ཚུར་ཏི་རུ་ཐོབ་པས་ཟེར་ཨིན་མས། གཞན་མི་བུཚ་གིས་དེ་འཕྲོས་ལས་མོ་བཏབ་ཀྱི་དོན་ལུ་ ཁོ་རའི་ཨཔ་དང་ཨའི་འབད་སར་ཡར་སོང་ནུག
ཁྱིམ་ནང་ལྷོདཔ་ཅིན་ ཨ་པ་འབད་སར་འགྱོ་ཞིནམ་ལས་ ཁོ་གི་གསང་གཏམ་གེ་ར་ཤེས་ཟེར་སླབ་ད།
ཨ་པ།- སྐུ་ཆེས་འབད་གེ་ཨ་ལོ། ཨའི་ལུ་སླབ་མ་ད། ངེ་ནང་ཏི་རུ་བརྒྱ་གཅིག་         ཡོད་མི་འདི་ ཁྱོད་རང་འབག་ཆི།
དེ་ལས་ཁོ་ཐབ་ཚང་ནང་སོང་ཞིནམ་ལས་ ཨའི་ལུ་ཡང་མོ་རའི་གསང་གཏམ་ཆ་མཉམ་ཤེས་ཟེརཝ་ཅིན།
ཨའི།- ཤུ་་་ཤུ་་་ གཅེས་གཅེས་སྐད་མར་ཕབ། ཨ་པ་གོ་བ་ཅིན་ལ་ཁག་ཡོད་ ཨ་     ཕི་ངེའི་དངུལ་ཁུ་ནང་ཏི་རུ་གཉིས་བརྒྱ་ཡོད་མི་འདི་ ཁྱོད་རང་ག་དགའཝ་    ཉོ་ཟ་སོང་། ཨ་པ་ལུ་འབདན་ སླབ་ནི་མི་འོང་མས། བཏུབ་་་གཅེས་གཅེས?
བུཚ་ཁོ་རང་སེམས་དགའ་སྟེ་ ཆ་རོགས་འཕྱད་པར་ཕྱི་ཁར་འཐོན་འགྱོ་བའི་ལམ་ཁར་ གློག་མེ་འཐུས་བསྡུ་མི་དང་མཉམ་ཁ་ཐུག་རྐྱབ་ནུག ད་རུང་ཁོ་གིས་ཏི་རུ་ཐོབ་མནོ་ ཁོ་ལུ་ཡང་ཕྲངམ་ཕྲང་ས་ ཁོ་རའི་གསང་གཏམ་ཤེས་ཟེར་སླབ་ད།
གློག་འཐུས་བསྡུ་མི་ཨཔ།- ད་འབདན་ཤེས་ཆི་ནུག་་་ངེ་གི་རྩ་རྒས་འདི། ན་ཤོག་                    མས་ཨ་པ་སླབ་གེ
ཟེརཝ་ཅིན་ འུ་བཀལ་བྱིནམ་ད་ བུཚ་དེ་ག་ནི་ཡང་སླབ་མ་ཤེས་པར་ ལུས་སོང་ནུག 


 
དགོད་བྲོ་བཞི་པ།
ཨ་རོགས་དགའ་རོགས་གཉིསཔོ་ དགའ་འཛོམས་འབད་སར།
བུམོ།- སྟེ་་་ ད་རེས་ངེ་གི་སྐྱེ་བའི་ཉིནམ་ཨིན། ཁྱོསམ་ཅིག་འབྱིན་གེ་ལོ་མེན་ན?      ཁྱོད་ཀྱིས་འབག་འོང་མི་འདི་སྟོན་ད།
བུ།-  ཨ་ཕར་ཁྱིམ་གྱི་ཟུར་ཁ་ ཀཱར་དམརཔོ་གཅིག་མཐོང་མས་ག་་་ཡིད་འོང?
བུམོ།- ཝཝའུ།  
:)
བུ།-  ཨ་ཕི་ཀཱར་གི་ཁ་མདོག་དམརཔོ་ཅོག་གཅིགཔ་ མེ་ཏོག་ཆག་པ་ཅིག་        འབག་འོང་ཡིས་་་ཏེ།
བུམོ།- ཨིཝཝཝཝཝཝ་་་་་།  :'(

 
དགོད་བྲོ་གསུམ་པ།
ནོར་བུ་གིས་ ལྷ་མོ་སློབ་དབུ་འཛིན་གྱི་བུམོ་ཨིནམ་མ་ཤེས་པར།
ནོར་བུ།- ང་བཅས་ཀྱི་སློབ་དབུ་འཛིན་ ག་འདེ་ཅིག་ང་རྒྱལ་འདུག་སྨོ་ལྷ་མོ? ་        ལགཔ་གཡའ་སི་སི་འབད།
ལྷ་མོ།-  ང་ག་ཨིནམ་ ཁྱོད་ཀྱིས་ཤེས་ག?
ནོར་བུ།- མི་ཤེས།
ལྷ་མོ།-  ང་ཁོ་གི་བུམོ་ཨིན།
ནོར་བུ།- ང་ག་ཨིན་ན་ཤེས་ག? ངེ་གི་མིང་ཁྱོད་ཀྱིས་ཤེས་ཡ?
ལྷ་མོ།-  མི་ཤེས། སླབ་མས།
ནོར་བུ།- བླམ་དཀོན་མཆོག་གསུམ་སྐྱབས་གཟིགས་ཅིག བཀྲིན་ཆེ་ཡིས།              ཧའའའ་་་ཤུལ་ལས་སླབ་གེ ང་ཡར་སི།  
:P :P :P
 
དགོད་བྲོ་གཉིས་པ།
བུ།-   ཨ་པ་་་ ངེ་གི་ཨ་རོགས་དགའ་རོགས་ལུ་ ཁྱོསམ་ག་ཅི་ཟེར་མི་འདི་          བྱིནམ་དྲག་ག་སྨོ?
ཨ་པ།- མོ་གི་གཟུགས་གཞི་དང་བཟོ་དབྱིབས་ཚུ་ ག་དེ་འབད་ཡོད་གོ?
བུ།-   ངོ་རིས་ཐད་ཁར་ལྷོདཔ་ད་ ཞུ་དགོསཔ་མེད་ཨ་པ། འཇའ་རིསམོ་མ་         ཚད་ འདོད་ཆགས་ཅན་སྦེ་ཡོདཔ་ལས་ ཁྱོསམ་གོང་སྦོམ་ཅིག་འབྱིན་         དགོ་པས་མནོ་གཏངམ་མས་ས།
ཨ་པ།- ཨིན་ན? དྲག་དྲག་ཨ་ལོ། ངེའི་འགྲུལ་འཕྲིན་ཨང་འབྱིན་ད།
བུ།-   ཨིཝཝཝཝཝ་་་་་་་་་་།
   :P

 
དགོད་བྲོ་དང་པ།
སློབ་དཔོན།- དབའི་རྩ་རྒས་་་སློབ་ཁང་ནང་གཉིད་སྡུག་རྐྱབ་མས། ངེ་གི་ལགཔ་           གཡོག་བཀལ་མ་བཅུག་མེན་ན?
སློབ་ཕྲུག- སློབ་དཔོན་གྱི་གསུང་སྐད་ག་ནི་བ་ཧན་ནི་འདི་གིས་ ང་གཉིད་སྡུག་         རྐྱབ་མས་ས་ལགས།
སློབ་དཔོན།- སྟེ་་་ གཞན་མི་ཚུ་ཁྱོད་བཟུམ་སྦེ་ ཀ་ཀུར་ཞིང་ནང་ལས་མར་            མདའ་སྟེ་ལོག་ལྷོད་སོངམ་བཟུམ་སྦེ་འབད་ནི་མིན་འདུག
སློབ་ཕྲུག- ཁོང་ཚུ་སློབ་དཔོན་གྱི་གསུང་སྙན་ཀ་ལ་པིང་ཀ་ལུ་ མ་ཉན་ནི་འདི་          གིས་ གཉིད་སྡུག་མ་བརྐྱབ་མི་འདི་ འདི་ཨིན་པས་ལགས།


    རྫོང་ཁ། Dzo-Section


    Dzongs of Bhutan-Land of Thunder Dragon

    འཇིགས་མེད་རྒྱལ་མཚན།
    རང་ཉིད་དཔེ་ཆ་བལྟ་ས་ རྒྱ་གར་མཐོ་རིམ་སློབ་གྲྭ་ནང་འབདཝ་ལས་ མ་འོངས་པ་ལུ་ རང་གི་རྫོང་ཁའི་འབྲི་ལྷག་ལུ་ བར་ཆད་འབྱུང་ནི་ཨིནམ་འཚོར་ཏེ་ ད་ལྟོ་ཡོད་པའི་རྫོང་ཁའི་གནས་ཚད་ལུ་ མི་ཉམས་གོང་འཕེལ་དང་ཉམས་པ་བསྐྱར་གསོ་ལུ་དམིགས་ཏེ་ ཤོག་ལྷེ་འདི་ནང་སྣང་བ་གང་ཤར་ཐོག་ རང་གི་བསམ་འཆར་ཚུ་ ཡིག་གཟུགས་ལུ་བཀོད་ནི་བརྩོན་ཤུགས་སྐྱེ་ཡོད་ཞུ་ནི།
    གལ་སིད་རྫོང་ཁའི་སྡེབས་དང་བརྡ་གཞུང་ལུ་ནོར་འཁྲུལ་རེ་འབྱུངནི་ ཐུགས་བཟོད་པའི་ཐོག་ རྩོམ་པ་པོ་རང་གི་འཛོལ་བ་ལེགས་བཅོས་ལུ་ འོག་ལུ་ཡོད་པའི་སྐྱོན་བརྗོད་སྒྲོམ་ནང་ བསམ་འཆར་བཀོད་དེ་བཀྲིན་བསྐྱང་།